དྲག་ཤོས་བཀྲིས་འདི་ འབྲུག་གི་རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལ་ མི་དབང་མངའ་བདག་རིན་པོ་ཆེ་གིས་སྤྱི་ལོ་༢༠༢༠ སྤྱི་ཟླ་༡༠ པའི་སྤྱི་ཚེས་༡༤ ལུ་ བསྐོ་བཞག་མཛད་གནང་པའི་རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་རྩིས་ཞིབ་ཡོངས་ཁྱབ་གསུམ་པ་ཨིན། རྩིས་ཞིབ་ཡོངས་ཁྱབ་འདི་ བློན་ཆེན། འབྲུག་གི་ཁྲིམས་སྤྱི་བློན་པོ། མི་རྗེ་ཚོགས་དཔོན། རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་དང་ ལྡོག་ཕྱོགས་འགོ་འཁྲིདཔ་ཚུ་མཉམ་རུབ་ཀྱི་སྒོ་ལས་ ཁྱད་ལྡན་མི་ངོམ་གྱི་རྒྱབ་སྣོན་ཕུལ་མིའི་ཐོ་ནང་ལས་ འབྲུག་རྒྱལཔོ་གིས་བསྐོ་བཞག་མཛད་གནངམ་ཨིན།
དྲག་ཤོས་བཀྲིས་འདི་ སྤྱི་ལོ་༡༩༧༠ སྤྱི་ཟླ་༡༡ པའི་སྤྱི་ཚེས་༥ ལུ་ ཐིམ་ཕུག་ལུ་སྦེ་སྐུ་འཁྲུངས་ནུག། ཁོ་གིས་སྤྱི་ལོ་༡༩༩༣ ལུ་ བཀྲིས་བསྒང་ བཀང་ལུང་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ལས་ ཚོང་འབྲེལ་གཙུག་ལག་གཞི་རིམ་གྱི་ཤེས་ཚད་ མཐར་ཕྱིན་པའི་ཤུལ་ལུ་ ཞི་གཡོག་ནང་ སྤྱི་ལོ་༡༩༩༤ སྤྱི་ཟླ་༦ པའི་ སྤྱི་ཚེས་༡ ལུ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ནང་ སྦྱོང་བརྡར་བ་འགོ་དཔོན་སྦེ་ འཛུལ་ཞུགས་མཛད་ནུག། རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ནང་ ཕྱག་ཞུ་བའི་སྐབས་ མི་སྟོབས་སྡེ་ཚན་དང་ ལས་འབྲེལ་དང་ལམ་ལུགས་སྡེ་ཚན་ དེ་ལས་ དོན་འབྲེལ་རྩིས་ཞིབ་སྡེ་ཚན་གྱི་གཙོ་འཛིན་སྦེ་ གལ་ཅན་གྱི་གོ་གནས་སྣ་ཚོགས་བཞེས་ནུག། དེ་མ་ཚད་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ནང་ མཐའ་འཁོར་གནས་སྟངས་དང་ བརྡ་དོན་འཕྲུལ་རིག་རྩིས་ཞིབ་ཚུ་བརྩིས་པའི་ལས་འབྲེལ་རྩིས་ཞིབ་ཀྱི་གཞི་འགྱམ་བཙུགས་མི་གཙོ་བོ་ཅིག་དྲག་ཤོས་བཀྲིས་ཨིན།
དྲག་ཤོས་བཀྲིས་ཀྱིས་ལཱན་ཌཱན་ལུ་ཡོད་པའི་Charted Institute of Management Accountants ལས་ འཛིན་སྐྱོང་རྩིས་འཛིན་ནང་ (༡༩༩༡) ཁྱད་ཐོན་གཞི་འཛིན་ཤེས་ཡོན་གྱི་ལག་ཁྱེར་བཞེས་ནུག། ལྷག་པར་དུ་ མངོན་མཐོའི་རྩིས་ཞིབ་གཙུག་སྡེ་ཚུའི་རྒྱལ་སྤྱིའི་འདུས་ཚོགས་/མངོན་མཐོའི་རྩིས་ཞིབ་གཙུག་སྡེ་ཚུའི་རྒྱལ་སྤྱིའི་འདུས་ཚོགས་གོང་འཕེལ་གྱི་ཐབས་ལམ་གྱི་སྦྱོང་བརྡར་མཁས་མཆོག་ནང་ངོ་སྦྱོར་འབད་ཡོད་པའི་འབྲུགཔ་དང་པམ་ཅིག་དྲག་ཤོས་ཨིནམ་དང་ དེ་ལས་བརྟེན་ ཤུལ་ལས་རྩིས་ཞིབ་པ་མང་རབས་ཅིག་གི་སྒོ་ལམ་ཕྱེ་སྟེ་ རྒྱལ་སྤྱིའི་རྩིས་ཞིབ་ཀྱི་མི་སྡེ་ལུ་ཕན་ཐོགས་བྱུང་ཚུགས་ཏེ་ཡོདཔ་ཨིན།
རྩིས་ཞིབ་ཡོངས་ཁྱབ་འབད་བསྐོ་བཞག་མ་མཛད་པའི་ཧེ་མ་ དྲག་ཤོས་ཀྱིས་མངའ་བདག་རྒྱལ་པོའི་ཡིག་ཚང་ནང་ སྤྱི་ལོ་༢༠༠༩ སྤྱི་ཟླ་༧ པ་ལས་ སྤྱི་ལོ་༢༠༢༠ སྤྱི་ཟླ་༡༡ པ་ཚུན་ གཟིམ་དཔོན་འོགམ་འབད་ཕྱག་ཞུ་ཡི། དེ་བསྒང་ དྲག་ཤོས་ཀྱིས་དམིགས་བསལ་དུ་ མི་དབང་རྒྱལ་བཙུན་གྱི་ཨ་ཞེའི་ལས་འགུལ་ཡིག་ཚང་ནང་ཕྱག་ཞུ་ནུག།
***
བརྒྱུད་འཕྲིན་ཨང་ : ༣༢༢༡༡༡ Ext ༢༠༠༠༡
གློག་འཕྲིན་ཁ་བྱང་ : auditorgeneral@bhutanaudit.gov.bt
འཆི་མེད་རྡོ་རྗེ།
མཁས་མཆོག་ ༢ པ།
རྩིས་ཞིབ་ཡོངས་ཁྱབ་ཡིག་ཚང་།
བརྒྱུད་འཕྲིན་ཨང་ – ༣༢༢༡༡༡ Ext -7003
གློག་འཕྲིན་ཁ་བྱང་ – cdorji@bhutanaudit.gov.bt
འཆི་མེད་རྡོ་རྗེ་འདི་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ནང་མཁས་མཆོག་༢ པ་སྦེ་ཕྱག་ཞུཝ་ཨིན། འདི་གི་ཧེ་མ་ ཞལམ་སྒང་རྫོང་ཁག་གི་རྫོང་བདག་སྦེ་ཕྱག་ཞུ་ཡི། ཁོ་གིས་སྤྱི་ལོ་༢༠༢༠ ཟླ་༣ པ་ལས་༡༡ པ་ཚུན་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་བསྐྱར་ཞིབ་དང་ལུང་ཕྱོགས་ཡིག་ཚང་ལས་ཁུངས་དང་ སྤྱི་ལོ་༢༠༡༦ ལས་ ༢༠༢༠ ཚུན་ལུ་ ཁྲིམས་བསྟུན་དང་ལས་འབྲེལ་རྩིས་ཞིབ་ལས་ཁུངས་ཀྱི་རྩིས་ཞིབ་ཡོངས་ཁྱབ་འོག་མ་སྦེ་ཕྱག་ཞུ་ཡི། ཁོ་གིས་ སྤྱི་ལོ་༢༠༡༤-༢༠༡༦ ལུ་ སྤྱིར་བཏང་གཞུང་སྐྱོང་སྡེ་ཚན་དང་ སྤྱི་ལོ་༢༠༡༡-༢༠༡༤ ལུ་ བསམ་གྲུབ་ལྗོངས་མཁར་ཞིབ་རོགས་རྩིས་ཞིབ་ཡོངས་ཁྱབ་ཡིག་ཚང་ དེ་ལས་ སྤྱི་ལོ་༢༠༠༩-༢༠༡༡ ཚུན་ ལས་འབྲེལ་དང་ལམ་ལུགས་རྩིས་ཞིབ་སྡེ་ཚན་གྱི་ཞིབ་རོགས་རྩིས་ཞིབ་ཡོངས་ཁྱབ་སྦེ་ཡང་ཕྱག་ཞུ་ཡོདཔ་ཨིན།
ཁོ་གིས་ རྩིས་ཞིབ་ཀྱི་དཔྱད་ཡིག་༢༠༡༧ ཅན་མ་དང་ རྩིས་ཞིབ་བཅའ་ཡིག་དང་སྒྲིག་གཞི་ཚུ་ ཟིན་བྲིས་བཏབ་ནི་ནང་འགོ་འཁྲིད་འབད་ཡོད་མི་དེ་ ཤུལ་ལས་ རྩིས་ཞིབ་བཅའ་ཁྲིམས་༢༠༡༨ ཅན་མ་དང་ རྩིས་ཞིབ་བཅའ་ཡིག་དང་སྒྲིག་གཞི་༢༠༢༠ ཅན་མ་སྦེ་ ཆ་འཇོག་མཛད་ཡོདཔ་ཨིན། ཁོ་གིས་ མི་དམངས་མཁོ་སྒྲུབ་ལམ་ལུགས་ཀྱི་བསྐྱར་ཞིབ་དང་ དྲང་ཁྲིམས་ལྷན་སྡེའི་ལམ་ལུགས་དང་ལག་ལེན་གྱི་བསྐྱར་ཞིབ། སྤང་སྦིས་ས་རྒྱལ་འཛིན་ཤེས་ཡོན་གཙུག་སྡེའི་རྩིས་ཞིབ། དཔག་ས་ཁ་འབྲུག་ཕེ་རོ་ཨེ་ལོ་ཡིས་ཚད་ཀྱི་རྩིས་ཞིབ་ དེ་ལས་ སྤྱི་ལོ་༢༠༡༧ དང་༢༠༡༤ ལུ་ མ་ཡུམ་ཨ་ཞེ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གི་ལས་འགུལ་མང་རབས་ཅིག་གི་རྩིས་ཞིབ་ཚུ་གི་འགོ་ཁྲིད་འབད་ཡི།
འཆི་མེད་རྡོ་རྗེ་འདི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལས་མཐར་འཁྱོལ་ཞིནམ་ལས་ སྤྱི་ལོ་༡༩༩༦ སྤྱི་ཟླ་༡༠ པའི་སྤྱི་ཚེས་༡༨ ལུ་ རྩིས་ཞིབ་པ་གོངམ་སྦེ་བསྐོ་བཞག་འབད་ཡོདཔ་ཨིན། ཁོ་གི་ཤེས་ཚད་ཡང་ སྤྱི་ལོ་༢༠༡༡ ལུ་ ཨཱསི་ཀྲེ་ལི་ཡ་ བིརིས་བེན་གྱི་ཀིཝིནསི་ལེནཌ་གཙུག་ལག་སློབ་གྲྭ་ནང་ལས་ ཚོང་འབྲེལ་གཙུག་ལག་མཐོ་རིམ་ཤེས་ཡོན་གྱི་ཤེས་ཚད་དང་ སྤྱི་ལོ་༡༩༩༧ ལུ་ སེམས་རྟོགས་ཁ་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་ནང་ལས་ དངུལ་འབྲེལ་འཛིན་སྐྱོང་ནང་ གཙུག་ལག་འབྲིང་རིམ་གྱི་ལག་ཁྱེར་ དེ་ལས་ བཀང་ལུང་ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ལས་ ཚོང་འབྲེལ་ནང་གཙུག་ལག་གཞི་རིམ་གྱི་ལག་ཁྱེར་ཚུ་ཡོདཔ་ཨིན།
ཁོ་གིས་ སྤྱི་ལོ་༢༠༡༦ གི་ལོ་ལུ་ ཕུན་ཚོགས་གླིང་རྒྱལ་འཛིན་ཐབས་རིགས་སྤེལ་ཁང་ནང་ འབྲུག་གི་བཀོད་ཁྱབ་ཞབས་ཏོག་གི་སྦྱོང་བརྡར་ནང་བཅའ་མར་གཏོགས་ཡོདཔ་དང་ སྤྱི་ལོ་༢༠༠༣ ལུ་ རྒྱ་གར་ཤིམ་ལ་གི་རྒྱལ་ཡོངས་རྩིས་ཞིབ་དང་རྩིས་བཀོད་སྤེལ་ཁང་ནང་ རྒྱ་གར་གི་རྩིས་བཀོད་དང་རྩིས་ཞིབ་ཞབས་ཏོག་གི་སྦྱོང་བརྡར་ཚུ་ནང་བཅའ་མར་གཏོགས་ཡོདཔ་ཨིན། སྤྱི་ལོ་༢༠༠༥ ལུ་ ཝ་ཤིང་ཀྲཱན་ཌི་སི་གི་ Government Accountability Office གི་ རྒྱལ་སྤྱི་རྩིས་ཞིབ་པའི་མཛའ་བཤེས་ལས་རིམ་ནང་ཡང་བཅའ་མར་གཏོགས་ཡོདཔ་ཨིན།
སྤྱི་ལོ་༢༠༡༠ ལུ་ ཁོ་གིས་ རྩིས་ཞིབ་ཀྱི་དམིགས་བསལ་ཞིབ་རྟོག་ཀྱི་གསོལ་ར་ཐོབ་ཡོདཔ་དང་ སྤྱི་ལོ་༢༠༡༡ ལུ་ རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ཀྱིས་ ‘Ozone and Environment’ ཟེར་མིའི་བརྗོད་དོན་ཐོག་ལུ་ རྒྱལ་ཡོངས་ནང་འཁོད་ཀྱི་དྲི་བ་དྲིས་ལན་གྱི་འགྲན་བསྡུར་ འགོ་འདྲེན་འཐབ་མི་ནང་ཡང་ རྒྱལ་ཁ་ཐོབ་ཡོདཔ་ཨིན། དེ་མ་ཚད་ ཁོ་གིས་ ལས་འབྲེལ་དང་ལམ་ལུགས་རྩིས་ཞིབ་སྡེ་ཚན་གྱི་ཞིབ་རོགས་རྩིས་ཞིབ་ཡོངས་ཁྱབ་སྦེ་ཕྱག་ཞུ་བའི་སྐབས་ལུ་ སྡེ་ཚན་འདི་གིས་ སྤྱི་ལོ་༢༠༡༢ ཀྱི་ལོ་ནང་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་དྲག་ཤོས་ཀྱི་དོན་ལུ་ རྩིས་ཞིབ་ཡོངས་ཁྱབ་ཀྱི་འཁྲིལ་བསྟུན་གྱི་གསོལ་ར་ཡང་ཐོབ་ཡོདཔ་ཨིན།
འཆི་མེད་རྡོ་རྗེ་འདི་ CPA ཨཱསི་ཀྲི་ལི་ཡ་གི་འགན་རོགས་འཐུས་མི་ཨིནམ་དང་ སྤྱི་ལོ་༢༠༢༠ ལས་ར་ ལྷོ་ཤར་ཨེ་ཤི་ཡ་ལུང་ཕྱོགས་ཀྱི་འཐུས་ཚབ་སྦེ་ ཨེཌིསི་དང་ བད་ཀན་གློ་གཅོང་ དེ་ལས་ ཚད་ནད་བཀག་འཛིན་འབད་ནི་གི་འཛམ་གླིང་མ་དངུལ་གྱི་རྩིས་ཞིབ་དང་དངུལ་འབྲེལ་ཚོགས་ཆུང་གི་བཙག་འཐུའི་འཐུས་མི་ཡང་ཨིན།
མིན་འགྱུར་རྡོ་རྗེ།
རྩིས་ཞིབ་ཡོངས་ཁྱབ་འོགམ།
འཕྲོ་མཐུད་བསྐྱར་ཞིབ་དང་ལུང་ཕྱོགས་ལས་ཁུངས།
བརྒྱུན་འཕྲིན་ཨང་ – ༣༢༢༡༡༡ Ext ༧༠༡༣
གློག་འཕྲིན་ཁ་བྱང་ – mdorji@bhutanaudit.gov.bt
མིན་འགྱུར་རྡོ་རྗེ་འདི་ འཕྲོ་མཐུད་བསྐྱར་ཞིབ་དང་ལུང་ཕྱོགས་ལས་ཁུངས་ཀྱི་རྩིས་ཞིབ་ཡོངས་ཁྱབ་འོགམ་འབད་སྤྱི་ལོ་༢༠༢༡ སྤྱི་ཟླ་༤ པའི་ནང་ བསྐོ་བཞག་མཛད་གནང་ཡི། ཁོ་གིས་ ད་ལྟོ་གི་གོ་གནས་མ་བཞེས་པའི་ཧེ་མ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་རྩི་རང་ལུང་ཕྱོགས་ཡིག་ཚང་ (༠༤/༢༠༡༦-༠༣/༢༠༢༡) དང་ འཕྲོ་མཐུད་བསྐྱར་ཞིབ་དང་རྩིས་ཞིབ་ཉོག་མེད་སྡེ་ཚན་ (༢༠༡༢-༠༤/༢༠༡༦) ནང་ ཞིབ་རོགས་རྩིས་ཞིབ་ཡོངས་ཁྱབ་འབད་ཕྱག་ཞུ་ཡི། དེ་མ་ཚད་ རྩི་རང་གི་ཁྱད་རིག་གོང་འཕེལ་ལྟེ་བ་བཟོ་སྐྲུན་གྱི་ལས་འགུལ་མདོ་ཆེན་ (༠༤/༢༠༡༦-༡༠/༢༠༡༨) དང་ ལས་རིམ་འཛིན་སྐྱོང་པ་ (༡༡/༢༠༡༨-༠༣/༢༠༢༡) འབད་ཡང་ཕྱག་ཞུ་ནུག།
མིན་འགྱུར་རྡོ་རྗེ་གིས་རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཆོས་རྒྱུགས་ནང་ལས་གདམ་འཐུ་གྲུབ་སྟེ་ ཞི་གཡོག་ནང་ སྤྱི་ལོ་༢༠༠༣ ལུ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ནང་ རྩིས་ཞིབ་པ་གོངམ་སྦེ་འཛུལ་ཞུགས་མཛད་ནུག། ཁོ་གིས་ ཧེགསི་ ནེ་དྷར་ལེནཌས་ The Hague University of Applied Science ནང་ལས་ ཚོང་འབྲེལ་བདག་སྐྱོང་གི་གཙུག་ལག་གོང་མའི་ཤེས་ཡོན་ (༢༠༡༡) དང་ སེམས་རྟོག་ཁ་རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ནང་ལས་ དངུལ་འབྲེལ་འཛིན་སྐྱོང་ནང་གཙུག་ལག་གཞི་འཛིན་གྱི་ལག་ཁྱེར་ (༢༠༠༢) དེ་ལས་ བཀང་ལུང་ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ལས་ ཚོང་རིག་ནང་ གཙུག་ལག་གཞི་མཆོག་ (༢༠༠༡) གི་ཤེས་ཡོན་བཞེས་ནུག།
ཁོ་གིས་ཕུན་ཚོགས་གླིང་ རྒྱལ་འཛིན་གཞུང་སྐྱོང་དང་ཐབས་རིག་སྤེལ་ཁང་ནང་ལས་ འཛིན་སྐྱོང་གོང་མའི་འགོ་ཁྲིད་ལས་རིམ་ (SELP-4) གྱི་སྦྱོང་བརྡར་ (༢༠༡༥) དང་ རྒྱ་གར་ ཤིམ་ལ་གི་ National Academy of Audit and Accounts ནང་ རྒྱ་གར་གྱི་རྩིས་འཛིན་དང་རྩིས་ཞིབ་ཞབས་ཏོག་ (IA&AS) གི་སློབ་སྦྱོང་ (༢༠༠༨) མཛད་ནུག།
ཁོ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་བསྐྱར་ཞིབ་ཚོགས་ཆུང་གི་ཁྲི་འཛིན་དང་ གྲོས་སྟོན་ཚོགས་ཆུང་གི་འཐུས་མི་དྲུང་ཆེན་ཨིན།
རྡོ་རྗེ་དབང་ཕྱུག།
རྩིས་ཞིབ་ཡོངས་ཁྱབ་འོགམ།
ལས་འབྲེལ་དང་ཁྲིམས་བསྟུན་རྩིས་ཞིབ་ལས་ཁུངས།
བརྒྱུན་འཕྲིན་ཨང་ – ༣༢༢༡༡༡ Ext ༧༠༣༠
གློག་འཕྲིན་ཁ་བྱང་ – dwangchuk@bhutanaudit.gov.bt
རྡོ་རྗེ་དབང་ཕྱུག་འདི་ ལས་འབྲེལ་དང་ཁྲིམས་བསྟུན་རྩིས་ཞིབ་ལས་ཁུངས་ཀྱི་རྩིས་ཞིབ་ཡོངས་ཁྱབ་འོགམ་འབད་སྤྱི་ལོ་༢༠༢༠ སྤྱི་ཟླ་༤ པའི་ནང་ བསྐོ་བཞག་མཛད་གནང་ཡི། ཁོ་གིས་ ད་ལྟོ་གི་གོ་གནས་མ་བཞེས་པའི་ཧེ་མ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་བུམ་ཐང་ལུང་ཕྱོགས་ཡིག་ཚང་ (༢༠༡༥-༢༠༢༠) དང་ སྲིད་འཆར་སྡེ་ཚན་ (༢༠༡༢-༢༠༡༥) ནང་ ཞིབ་རོགས་རྩིས་ཞིབ་ཡོངས་ཁྱབ་འབད་ཕྱག་ཞུ་ནུག།
རྡོ་རྗེ་དབང་ཕྱུག་གིས་རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཆོས་རྒྱུགས་ནང་ལས་གདམ་འཐུ་གྲུབ་སྟེ་ ཞི་གཡོག་ནང་ སྤྱི་ལོ་༢༠༠༣ ལུ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ནང་ རྩིས་ཞིབ་པ་གོངམ་སྦེ་འཛུལ་ཞུགས་མཛད་ནུག། ཁོ་གིས་ ཧེགསི་ ནེ་དྷར་ལེནཌས་ The Hague University of Applied Science ནང་ལས་ ཚོང་འབྲེལ་བདག་སྐྱོང་གི་གཙུག་ལག་གོང་མའི་ཤེས་ཡོན་ (༢༠༡༡) དང་ སེམས་རྟོག་ཁ་རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ནང་ལས་ དངུལ་འབྲེལ་འཛིན་སྐྱོང་ནང་གཙུག་ལག་གཞི་འཛིན་གྱི་ལག་ཁྱེར་ (༢༠༠༢) དེ་ལས་ བཀང་ལུང་ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ལས་ ཚོང་རིག་ནང་ གཙུག་ལག་གཞི་མཆོག་ (༢༠༠༡) གི་ཤེས་ཡོན་བཞེས་ནུག།
ཁོ་གིས་ཕུན་ཚོགས་གླིང་ རྒྱལ་འཛིན་གཞུང་སྐྱོང་དང་ཐབས་རིག་སྤེལ་ཁང་ནང་ལས་ འཛིན་སྐྱོང་གོང་མའི་འགོ་ཁྲིད་ལས་རིམ་ (SELP-4) གྱི་སྦྱོང་བརྡར་ (༢༠༡༥) དང་ རྒྱ་གར་ ཤིམ་ལ་གི་ National Academy of Audit and Accounts ནང་ རྒྱ་གར་གྱི་རྩིས་འཛིན་དང་རྩིས་ཞིབ་ཞབས་ཏོག་ (IA&AS) གི་སློབ་སྦྱོང་ (༢༠༠༩) མཛད་ནུག།
ཁོ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་རྩིས་ཞིབ་ཚོགས་ཆུང་གི་ཁྲི་འཛིན་ཨིན།
རྩིས་ཞིབ་ཡོངས་ཁྱབ་འོགམ།
གཡོག་སྡེ་རྩིས་ཞིབ་ལས་ཁུངས།
བརྒྱུན་འཕྲིན་ཨང་ – ༣༢༢༡༡༡ Ext ༧༠༠༨
ཚེ་རིང་བདེ་སྐྱིད།
དངུལ་རྩིས་འགོ་དཔོན་གོངམ།
བདག་སྐྱོང་དང་དངུལ་རྩིས་ལས་ཚན།
བརྒྱུད་འཕྲིན་ཨང: ༠༢-༣༢༢༡༡༡ Ext-༧༠༤༨
གློག་འཕྲིན་ཁ་བྱང་: tdeki@bhutanaudit.gov.bt
ཀརྨ་འཇམ་དཔལ་དབྱངས།
ཞིབ་རོགས་རྩིས་ཞིབ་ཡོངས་ཁྱབ།
ཁྲིམས་བསྟུན་དང་རྩིས་ཞིབ་ཕྱིར་སྤྲོད་སྡེ་ཚན།
བརྒྱུད་འཕྲིན་ཨང་: ༠༢-༣༢༢༡༡༡ Ext-༧༠༣༢
གློག་འཕྲིན་ཁ་བྱང་: kjyang@bhutanaudit.gov.bt
བསོད་ནམས་དབྱངས་ཅན།
ཞིབ་རོགས་རྩིས་ཞིབ་ཡོངས་ཁྱབ།
བསྐྱར་ཞིབ་དང་རྩིས་ཞིབ་ཉོག་མེད་སྡེ་ཚན།
བརྒྱུད་འཕྲིན་ཨང་: ༠༢-༣༢༢༡༡༡ Ext-༧༠༡༥
གློག་འཕྲིན་ཁ་བྱང་: syangchen@bhutanaudit.gov.bt
ཆོས་སྒྲོན།
ཞིབ་རོགས་རྩིས་ཞིབ་ཡོངས་ཁྱབ།
སྤྱིར་བཏང་གཞུང་སྐྱོང་སྡེ་ཚན།
བརྒྱུད་འཕྲིན་ཨང་: ༠༢-༣༢༢༡༡༡ Ext-༧༠༢༥
གློག་འཕྲིན་ཁ་བྱང་: chhoden@bhutanaudit.gov.bt
བཀྲིས་ལྷ་མོ།
ཞིབ་རོགས་རྩིས་ཞིབ་ཡོངས་ཁྱབ།
མི་སྟོབས་དང་རྒྱལ་སྤྱི་མཐུན་འབྲེལ་སྡེ་ཚན།
བརྒྱུད་འཕྲིན་ཨང་: ༠༢-༣༢༢༡༡༡ Ext-༧༠༤༦
གློག་འཕྲིན་ཁ་བྱང་: tashilhamo@bhutanaudit.gov.bt
ར་བིན་གཱཇི་མིར།
བརྡ་དོན་བརྒྱུད་འབྲེལ་དང་འཕྲུལ་རིག་གཙོ་འཛིན་འོགམ་ (འགོ་འཛིན) །
བརྡ་དོན་བརྒྱུད་འབྲེལ་དང་འཕྲུལ་རིག་སྡེ་ཚན།
བརྒྱུད་འཕྲིན་ཨང་: ༠༢-༣༢༢༡༡༡ Ext-༧༠༣༥
གློག་འཕྲིན་ཁ་བྱང་: rgajmer@bhutanaudit.gov.bt
ཞིབ་རོགས་རྩིས་ཞིབ་ཡོངས་ཁྱབ།
ལས་འབྲེལ་རྩིས་ཞིབ་སྡེ་ཚན།
བརྒྱུད་འཕྲིན་ཨང་: ༠༢-༣༢༢༡༡༡ Ext-༧༠༣༧
གློག་འཕྲིན་ཁ་བྱང་:
རིག་འཛིན་ལྷ་མོ།
ཞིབ་རོགས་རྩིས་ཞིབ་ཡོངས་ཁྱབ།
སྲིད་བྱུས་དང་འཆར་གཞི་སྡེ་ཚན།
བརྒྱུད་འཕྲིན་ཨང་: ༠༢-༣༢༢༡༡༡ Ext-༧༠༠༤
གློག་འཕྲིན་ཁ་བྱང་: rlhamo@bhutanaudit.gov.bt
ཀིརཤི་ན་པྲར་པཱན་ཨ་དི་ཀ་རི།
ཞིབ་རོགས་རྩིས་ཞིབ་ཡོངས་ཁྱབ་ངོ་ཚབ།
ཞིབ་འཚོལ་དང་སྤུས་ཚད་ངེས་བརྟན་སྡེ་ཚན།
བརྒྱུད་འཕྲིན་ཨང་: ༠༢-༣༢༢༡༡༡ Ext-༧༠༠༦
བརྒྱུད་འཕྲིན་ཨང་: kpadhikari@bhutanaudit.gov.bt
ཞིབ་རོགས་རྩིས་ཞིབ་ཡོངས་ཁྱབ།
ཐོན་ཁུངས། ཚོང་། བཟོ་གྲྭ་དང་ཚོང་ལས་སྡེ་ཚན།
བརྒྱུད་འཕྲིན་ཨང་: ༠༢-༣༢༢༡༡༡ Ext-༧༠༥༤
བརྒྱུད་འཕྲིན་ཨང་:
དཀོན་མཆོག་རྡོ་རྗེ།
ཞིབ་རོགས་རྩིས་ཞིབ་ཡོངས་ཁྱབ།
མི་སྡེ། བརྒྱུད་འབྲེལ་དང་བརྡ་དོན་སྡེ་ཚན།
བརྒྱུད་འཕྲིན་ཨང་: ༠༢-༣༢༢༡༡༡ Ext-༧༠༡༠
བརྒྱུད་འཕྲིན་ཨང་: kenchodorji@bhutanaudit.gov.bt
བསོད་ནམས་སྒྲོལ་མ།
ཞིབ་རོགས་རྩིས་ཞིབ་ཡོངས་ཁྱབ།
དོན་འབྲེལ་རྩིས་ཞིབ་སྡེ་ཚན།
བརྒྱུད་འཕྲིན་ཨང་: ༠༢-༣༢༢༡༡༡ Ext-༧༠༤༡
བརྒྱུད་འཕྲིན་ཨང་: sdelma@bhutanaudit.gov.bt
བིག་རམ་གུ་རུང་།
ཞིབ་རོགས་རྩིས་ཞིབ་ཡོངས་ཁྱབ།
ཞིབ་རོགས་རྩིས་ཞིབ་ཡོངས་ཁྱབ་ཡིག་ཚང་། བུམ་ཐང་།
བརྒྱུད་འཕྲིན་ཨང་: ༠༢-༣༢༢༡༡༡ Ext-༧༠༧༡
གློག་འཕྲིན་ཁ་བྱང་: bgurung@www.bhutanaudit.gov.bt
དཔལ་འབྱོར།
ཞིབ་རོགས་རྩིས་ཞིབ་ཡོངས་ཁྱབ།
ཞིབ་རོགས་རྩིས་ཞིབ་ཡོངས་ཁྱབ་ཡིག་ཚང་། ཕུན་ཚོགས་གླིང་།
བརྒྱུད་འཕྲིན་ཨང་: ༠༢-༣༢༢༡༡༡ Ext-༧༠༦༦
གློག་འཕྲིན་ཁ་བྱང་: penjor@www.bhutanaudit.gov.bt
འཆི་མེད་རྡོ་རྗེ།
ཞིབ་རོགས་རྩིས་ཞིབ་ཡོངས་ཁྱབ།
ཞིབ་རོགས་རྩིས་ཞིབ་ཡོངས་ཁྱབ་ཡིག་ཚང་། བསམ་གྲུབ་ལྗོངས་མཁར།
བརྒྱུད་འཕྲིན་ཨང་: ༠༢-༣༢༢༡༡༡ Ext-༧༠༦༡
གློག་འཕྲིན་ཁ་བྱང་: cdorji@www.bhutanaudit.gov.bt
བསྟན་འཛིན་ཆོས་གྲུབ།
ཞིབ་རོགས་རྩིས་ཞིབ་ཡོངས་ཁྱབ།
ཞིབ་རོགས་རྩིས་ཞིབ་ཡོངས་ཁྱབ་ཡིག་ཚང་། རྩི་རང་།
བརྒྱུད་འཕྲིན་ཨང་: ༠༢-༣༢༢༡༡༡ Ext-༧༠༧༦
གློག་འཕྲིན་ཁ་བྱང་: tchhoedup@www.bhutanaudit.gov.bt
Complete RAA Staff Profile